༄༅། །བོད་རང་བཙན་དྲ་ཚིགས་ཀྱི་སྟེང་དུ་བཀོད་པའི་ཆ་འཕྲིན་སྐོར་གྱི་
བསྒྲགས་ཡིག་གཤམ་གསལ།
བོད་རང་བཙན་དྲ་ཚིགས་སུ་བཀོད་པའི་ནང་དོན་གྱི་འབྱུང་ཁུངས་གསལ་བོར་བཀོད་ཡོད་པས་ཡིད་རྟོན་རུང་
ཞིང་། དེའི་པར་དབང་ཐབས་ཅད་རྩོམ་པ་པོ་ཉིད་ལ་དབང་ཞིང་། ཆ་རྐྱེན་གྱི་དབང་གིས་རྩོམ་པ་པོར་འབྲེལ་
གཏུག་མ་ཐུབ་པའམ་རང་ཉིད་ཀྱི་རྩོམ་ཡིག་འདི་གའི་དྲ་ངོས་སུ་གསལ་བསྒྲགས་བྱེད་མི་འདོད་པ། ཡང་ན་
ནོར་སྐྱོན་ཤོར་བ་མཐོང་ཚེ་ཐད་ཀར་འབྲེལ་གཏུགས་་བྱོས་དང་གུས་པས་རྩོམ་པ་པོའི་འདོད་བློར་བརྩི་འཇོག་
བྱེད་པར་མ་ཟད་ནོར་སྐྱོན་ཤོར་བར་མྱུར་དུ་ཡོ་བསྲང་བྱེད་ངེས།
རྩ་འཛུགས་དང་མི་སྒེར་གང་ཡིན་ཡང་ཁས་ལེན་ཐོབ་པར་བོད་རང་བཙན་དྲ་ཚིགས་ཀྱི་ནང་དོན་བེད་སྤྱད་དེ་
ཁེ་སྤོབས་དང་འབྲེལ་བའི་བྱ་འགུལ་སྤེལ་མི་ཆོག གལ་ཏེ་བརྒྱུད་འགོད་བྱེད་ཚེ་ངེས་པར་དུ་རྩོམ་པ་པོ་དང་
འབྱུང་ཁུངས་གསལ་པོར་འགོད་དགོས་ཤིང་། གལ་ཏེ་བརྒྱུད་འགོད་བྱས་པའི་ནང་དོན་གྱིས་ཕུང་གསུམ་པར་
གནོད་འཚེ་ཐེབས་ཚེ་བོད་རང་བཙན་དྲ་ཚིགས་ཀྱིས་ཁག་འགན་ཅི་ཡང་མི་འཁུར་རོ།།
དྲྭ་ཚིགས་བཟོ་སྐྲུན་པ་དཀོན་མཆོག་ནས།། །།


