འཛམ་གླིང་བོད་ཀྱི་ཉིན་མོ།

2009-07-06 11:08

འཛམ་གླིང་བོད་ཀྱི་ཉིན་མོ།

སང་ཉིན་འཛམ་གླིང་བོད་ཀྱི་ཉིན་མོར། ༧གོང་ས་མཆོག་གི་འཁྲུངས་སྐར་ཐེངས་ ༧༤ པའི་མཛད་སྒོ་ཞིག་ལྡི་ལི་

གསར་བར་འཚོགས་གཏན་འཁེལ་བ་ལྟར། ༧གོང་ས་མཆོག་དེ་རིང་ཉིན་རྒྱབ་ཆུ་ཚོད་དང་པོ་ཙམ་ལ་བཞུགས་སྒར་

ནས་ཆིབས་ཐོན་གནང་སོང་།
སང་ཉིན་ནི་༧གོང་ས་མཆོག་གི་འཁྲུངས་སྐར་ཐེངས་ ༧༤ པ་དང་། ཁོང་ཉིད་བཙན་བྱོལ་དུ་ཕེབས་པ་ནས་འཁྲུངས་

སྐར་ཐེངས་ ༥༠ དེ་ཡིན། དེ་བཞིན་སང་ཉིན་ནི་འཛམ་གླིང་བོད་ཀྱི་ཉིན་མོའང་ཡིན་སྟབས། འཛམ་གླིང་གང་སར་ཉིན་

མོ་འདི་གཅིག་གྱུར་གྱིས་སྲུང་གཙི་གནང་གིན་ཡོད།     ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རིགས་ཁག་གིས་ཀྱང་ཉིན་མོ་འདི་

སྲུང་གཙི་ཞུ་ཆེད་མཛད་སྒོ་ཞིག་ལྡི་ལི་གསར་བར་འཚུགས་གཏན་འཁེལ་བ་དང་། དེའི་སྐུ་མགྲོན་དུ་མགོན་པོ་གང་ཉིད་

དང་།དེ་བཞིན་རྒྱ་གར་གྱི་སྲིད་འཛིན་ཟུར་པ་དང་རྒྱ་གར་གྱི་མེ་ཤུགས་འཕུར་མདེལ་གྱི་ཡབ་ཆེན་དུ་གྲགས་མཁན་མཁས་

དབང་ཨབ་ཌུལ་ཁ་ལམ་མཆོག་མཆོག་ཀྱང་སྐུ་མགྲོན་གཙོ་བོར་ཕེབས་རྒྱུ་ཡིན་འདུག

ཧི་མ་ལ་ཡའི་རི་བརྒྱུད་ལ་གཏོགས་པའི་རྒྱ་གར་གྱི་མངའ་སྡེ་སོ་སོའི་བློན་ཆེན་རྣམ་པ་གཙོས་མི་སྣ་གལ་ཆེན་དག་མཛད་

སྒོའི་དམིགས་བསལ་སྐུ་མགྲོན་ལ་གདན་དུ་འཁོད་རྒྱུ་ཡིན་འདུག   འཛམ་གླིང་བོད་ཀྱི་ཉིན་མོ་ནི་ ༡༩༩༨ ལོར་ལོ་རྒྱུས་

མཁས་དབང་སྐུ་ཞབས་ རི་ཆར་ཌི་ རོ་སེན་ཁུ་རན་ཛུ་ མཆོག་གིས་མགོ་འཛུགས་གནང་ཡོད་ལ། འཛམ་གླིང་བོད་ཀྱི་ཉིན་

མོ་སྲུང་གཙི་འདི་ལ་དམིགས་ཡུལ་གསུམ་ཡོད་པའི་གྲས་ཀྱི་དང་པོ་ནི། ཉིན་མོ་འདི་ནི་འཛམ་གླིང་ཡོངས་ཁྱབ་ཀྱི་བྱ་འགུལ་

ཞིག་ལ་བསྒྱུར་ཏེ་རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་བོད་མི་རྣམས་ལ་གཞི་རྩའི་རང་དབང་ཁག་བསྐྱར་གསོ་ཡོང་ཐབས་

སུ་རོགས་འདེགས་བྱ་རྒྱུ་དང་། གཉིས་པ་ནི།  བོད་མི་རིགས་ཀྱི་མགོར་ལྷུང་བའི་རིག་གཞུང་རྩ་གཏོར་གྱི་འཇིགས་ཉེན་འདི་

ལ་འཛམ་གླིང་རང་བཞིན་གྱི་གོ་རྟོགས་སྤེལ་རྒྱུ། གསུམ་པ། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་བསམ་

བློའི་མཛེས་སྡུག་དང་རིན་ཐང་ལ་གུས་བརྩི་དང་སྲུང་གཙི་བྱ་རྒྱུ་བཅས་ཡིན། ཉིན་མོ་འདི་ནི་བོད་མིའི་ཟླ་དུས་ཚེས་གྲངས་

གལ་ཆེ་ཤོས་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་བ་མཆོག་གི་འཁྲུངས་སྐར་ཉིན་འཁེལ་ཡོད།

Back

Search site

© 2009 All rights reserved Konchok.webnode.com

Build a personal website :: Webnode