འཁྲབ་སྟོན་པ་འཛོམས་སྐྱིད།

2009-07-08 13:59

འཁྲབ་སྟོན་པ་དང་མགོ་འཛིན་པའི་འགན་གཅིག་ལྕོགས་ཀྱིས་འཁུར་པའི་མཛངས་མ་འཛོམས་སྐྱིད།

མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་།

 བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ན་གཞོན་འཁྲབ་སྟོན་པ་འཛོམས་སྐྱིད་ལགས་ཀྱིས་དེ་སྔོན «རྡུལ་

འཚུབ་དྭངས་སོང»ཞེས་པ་དང«ཧི་མ་ལ་ཡའི་རྒྱལ་སྲས» ཞེས་པའི་གློག་བརྙན་གཉིས་ཀྱི་འཁྲབ་སྟོན་པའི་འགན་

ཁུར་པར་མ་ཟད།  ཁོ་མོས་སྔ་ཕྱིར་བོད་རང་སྐྱོང་ལྗོངས་ཀྱི་རིག་རྩལ་སྤྲོ་ཚོགས་ཆེན་མོ་མང་པོ་ཞིག་ལ་མགོ་འཛིན་

པ་བྱས་མྱོང་པས། བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱིས་ཆེས་དགའ་བསུ་ཐོབ་པའི་འཁྲབ་སྟོན་པ་དང་

མགོ་འཛིན་པ་ཞིག་ཏུ་གྱུར་ཡོད།


    འཛོམས་སྐྱིད་ནི་རང་ས་རང་ཡུལ་ནས་འཚར་ལོངས་བྱུང་པའི་ལྷ་སའི་མི་ཡིན་ལ། བོད་ལྗོངས་སྒྱུ་རྩལ་སློབ་གྲྭ་

ནས་མགོ་བརྩམས་ཏེ་སྒྱུ་རྩལ་གྱི་ལས་ཀ་སྣ་ཚོགས་ལ་རྨང་གཞི་བརྟན་པོ་འདིང་མགོ་བརྩམས། 1996ལོར།  ཁོ་མོ་

ཧྲང་ཧེ་ཟློས་གར་སློབ་གླིང་གི་ཆེས་ཐོག་མའི་བོད་རིགས་འཛིན་གྲྭའི་སློབ་མར་གྱུར་པ་དང་སློབ་གྲྭ་དེ་ནས་སློབ་

མཐར་ཕྱིན་རྗེས་ཁོ་མོས «རྡུལ་འཚུབ་དྭངས་སོང»ཞེས་པ་དང«ཧི་མ་ལ་ཡའི་རྒྱལ་སྲས» ཞེས་པའི་གློག་བརྙན་

དེ་གཉིས་ཀྱི་འཁྲབ་སྟོན་པ་གཙོ་བོའི་འགན་ཁུར་པ་དང་དུས་མཚུངས་སུ་བོད་རང་སྐྱོང་ལྗོངས་ཀྱི་སྤྲོ་ཚོགས་གལ་

ཆེན་སྐོར་ཞིག་ལ་མགོ་འཛིན་ཡང་བྱས་པ་རེད།  གསར་འགོད་པས་ཁོ་མོ་བྱ་བའི་དགོས་དབང་གིས་ས་ཆ་དང་

རྒྱལ་ཁབ་གཞན་དག་ལ་འཁྲབ་སྟོན་དུ་ཕྱིན་ཚེ་ཕྱིར་རང་གི་ཕ་ཡུལ་ལ་ལོག་མིན་གྱི་སྐད་ཆ་འདྲི་སྐབས། འཛོམས་

སྐྱིད་ཀྱིས་བཤད་རྒྱུར། ལྷ་སའི་བུ་མོ། ས་ཆ་གང་ལ་སོང་ནས།  དུས་ཡུན་ཅི་ཙམ་འགྱངས་ཡང་། ནམ་ཞིག་གི་ཚེ།

ཁོ་མོ་ཕྱིར་ལོག་ངེས་ཡིན་ཏེ། རྒྱུ་མཚན་ནི་ང་ཚོའི་མི་རིགས་འདི་མ་གཞི་ནས་རང་གི་ཕ་ཡུལ་ལ་དུང་བའི་མི་

རིགས་ཤིག་ཡིན།


          སྤྱིར་ད་ལྟའི་འཛོམས་སྐྱིད་ཀྱི་བྱ་བ་ཡོད་ཚད་བདེ་བླག་ཡིན་ལ། དེ་བཞིན་དུ་གདམ་གསེས་དང་གོ་སྐབས་

མང་པོ་ཞིག་གིས་ཁོ་མོར་སྒུག་ཡོད་ན་ཡང་། ཁོ་མོར་མཚོན་ན་ཆེས་སྤྲོ་སྐྱིད་དང་དོན་སྙིང་ལྡན་པའི་འཚོ་བ་ནི་ཁོ་

མོས་བཤད་པ་ལྟར། ང་རང་ནམ་ཡང་ལྷ་ས་ལ་དགའ།  ངས་ནམ་ཡང་རང་ཁྱིམ་སྲུང་ནས་རང་གི་ཨ་མས་གོས་ཡག་

པོ་གོན་ཏེ་ཁྱིམ་རའི་ནང་ཕར་འགྲོ་ཚུར་ཡོང་གི་རྣམ་པ་དེ་དང་ལས་ཀ་གྲོལ་རྗེས་བྱིས་པ་ཚོ་དང་ལྷན་དུ་རྩེད་མོར་

གཡེང་བ། ཁྱིམ་མི་གང་བོ་ལྷན་དུ་འཛོམས་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་རྒྱུ་དེ་ཡིན་ཟེར

Back

Search site

© 2009 All rights reserved Konchok.webnode.com

How to create a free website :: Webnode