ངོ་རྒོལ་བྱ་མི་ཆོག
2009-07-06 11:11
བལ་ཡུལ་ནས་ངོ་རྒོལ་བྱ་མི་ཆོག
བལ་ཡུལ་ནང་སྲིད་བློན་ཆེན་གྱི་ཕྱག་བྲིས་ཤིག་གི་ནང་དུ་རྒྱ་ནག་གི་འོག་ཡོད་པའི་བོད་རང་སྐྱོང་ལྗོངས་ཀྱི་
གནད་དོན་ལ་རྒོལ་བའི་རིགས་མཐའ་དག་འགོག་སྡོམ་བྱས་པ་ཡིན་ཞེས་བསྒྲགས་འདུག
བལ་ཡུལ་གཞུང་གི་བཀའ་རྒྱ་དེ་ནི་གཟའ་ཟླ་བའི་ཉིན་ཏེ། ༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་བོད་རང་
དབང་གི་སྐད་འབོད་ངོ་རྒོལ་ཞིག་བལ་ཡུལ་གྱི་བོད་མི་རྣམས་ཀྱིས་གོ་སྒྲིག་བྱེད་བཞིན་པ་དེར་དམིགས་ནས་
བསྒྲགས་ཡོད་ཚུལ་འདུག
བལ་ཡུལ་ནང་སྲིད་ལྷན་ཁང་གིས་ཁོང་ཚོས་ཁྱིམ་མཚེས་རྒྱལ་ཁབ་ཚང་མར་གྲོགས་པོའི་འབྲེལ་ལམ་འཛིན་
རྒྱུ་ནི་ཁོ་ཚོའི་ཁ་དན་ཡིན་པ་དང་། ཁོང་ཚོའི་ས་ཆ་དེ་ཁྱིམ་མཚེས་རྒྱལ་ཁབ་དག་ལ་རྒོལ་སའི་ལྟེ་གནས་ཤིག་
ཏུ་བསྒྱུར་འཇུག་གི་མིན་ཞེས་གསུངས་ཡོད་པ་རེད།
བལ་ཡུལ་གཞུང་གིས་ད་དུང་འབོད་སྐུལ་ཞུས་དོན། ཁྱིམ་མཚེས་རྒྱལ་ཁབ་དག་ལ་གནོད་གཞིའི་ལས་འགུལ་
གང་གི་ནང་དུའང་འཛུལ་ཞུགས་མི་བྱ་རྒྱུ་དང་། གལ་སྲིད་དེ་འདྲའི་རིགས་བྱུང་ན་ཐག་གཅོད་ནན་མོ་བྱ་ངེས་
པའི་ཉེན་བརྡའང་སྤྲད་ཡོད་པ་རེད། བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་འགར་ཉེ་ཆར་བཞུགས་སྒར་ངྷ་རམ་ས་
ལར་ཕེབས་ཏེ་༧གོང་ས་མཆོག་ལ་མཇལ་བའི་གནད་འགག་འདིར་དམིགས་ནས། བལ་ཡུལ་གཞུང་གིས་ད་དུང་
ཁོང་ཚོས་རྒྱ་ནག་གཅིག་གི་རྩ་དོན་དང་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་ཅེས་ཀྱང་གསུངས་འདུག
———
Back

