གྲངས་ཉུང་མི་རིཌ་རྩ་བརླག་

2009-07-11 08:40

རྒྱ་ནག་ཏུ་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་རྩ་བརླག་འགྲོ་ཉེན།

RFA རླུང་འཕྲིན་ཁང་།

རྒྱ་ནག་ནང་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་རྩ་མཐོར་འགྲོ་ཉེན་ཡོད་པའི་སྐོར་རྒྱ་གར་གྱི་ཆབ་སྲིད་གནད་དོན་

དབྱེ་ཞིབ་པས་གསུངས་འདུག

༄༅༎རྒྱ་ནག་ནང་རྒྱ་མི་རིགས་ཀྱི་རིག་གཞུང་ཕུད་དེ་མིན་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་རྩ་མཐོར་འགྲོ་ཉེན་

ཡོད་པའི་སྐོར་རྒྱ་གར་གྱི་ཆབ་སྲིད་གནད་དོན་དབྱེ་ཞིབ་པས་གསུངས་འདུག  དེ་ཡང་རྒྱ་གར་གྱི་ཆབ་སྲིད་གནད་

དོན་དབྱེ་ཞིབ་པ་སྐུ་ཞབས་སྦ་ར་མ་ཆེ་ལི་ནི་ཡིས་གསུངས་ན་ན་ནིང་བོད་ནང་གི་ཞི་རྒོལ་དང་ད་རེས་ཤིན་ཅང་ནང་

གི་ངོ་རྒོལ་དོན་རྐྱེན་གྱི་ཐོག་ནས་རྒྱ་ནག་གཞུང་གིས་མི་རིགས་རང་སྐྱོང་ཁུལ་དུ་འཛིན་པའི་མི་རིགས་སྲིད་བྱུས་ཀྱིས་

ཕན་ནུས་ཐོན་གྱི་མེད་པ་དེ་མངོགས་གསལ་འདོད་པོའི་ཐོག་ནས་མཐོར་ཐུབ་པ་ཞིག་ཡིན་པ་དང་དེ་ལྟར་ཡོང་དགོས་

དོན་ནི་རྒྱ་ནག་གཞུང་གིས་དུས་ཡུན་རིང་པོའི་ནང་བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་

ནང་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་མིང་ཐོག་ནས་རྒྱ་མི་འཕོན་ཆེན་གནས་སྤོས་བྱས་བཅུག་པ་མ་ཟད་ས་གནས་

ཀྱི་ཐོན་ཁུངས་རྒྱལ་ནང་དུ་དབོར་འདྲེན་བྱས་སྟེ་ས་གནས་མི་མང་ཚོར་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ཁེ་ཕན་

གང་ཡང་ཐོབ་ཀྱི་མེད་པའི་ཁར་རང་གནས་སྡོད་བྱེད་སའི་ས་གནས་ནང་ལས་ཀ་མང་ཆེ་བ་རྒྱ་མི་རིགས་ཚོས་འཁྱེར་

ནས་འཚོ་བའི་གནས་སྟངས་ཡང་ཧ་ཅང་དཀའ་ངལ་ཆེན་པོའི་འོག་གནས་དགོས་ཀྱི་ཡོད་ཅིང་རྒྱ་ནག་གཞུང་གིས་

ས་གནས་དེ་ཚོའི་ནང་རྒྱ་མི་འཕོན་ཆེན་གནས་པོས་བྱས་སྟེ་ས་གནས་དེ་ཚོའི་ནང་རྒྱ་མི་རིགས་ཀྱི་གྲངས་འབོར་དེ་

བཞིན་ས་གནས་མི་མང་གི་གྲངས་འབོར་ལས་མང་བ་བཟོས་ནས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དེ་ཚོ་མི་སེར་སྤེལ་

ཡུལ་གྱི་ས་གནས་སུ་འགྱུར་ཐབས་བྱེད་ཀྱི་ཡོད་པ་དང་དེ་བཞིན་བོད་དང་ཤིན་ཅང་ནང་སོག་ལྟ་བུའི་ནང་རྒྱ་ནག་

གཞུང་གིས་ས་གནས་མི་རིགས་གཞོན་སྐྱེས་ཚོར་ཆུང་དུས་ནས་ཆབ་སྲིད་ཀྱི་སློབ་གསོ་རྒྱབ་ཀྱི་ཡོད་པའི་ཁར་ས་ཁུལ་

དེ་ཚོའི་ནང་གི་དགོན་སྡེ་དང་ཆོས་ལུགས་བྱེད་སྒོ་སྤེལ་ས་ཁག་ལ་དམ་བསྒྲགས་ཤུགས་ཆེ་བྱས་ནས་རྒྱ་མི་རིགས་ཀྱི་

རིག་གཞུང་ཁོ་ན་མ་གཏོགས་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་དང་ཆོས་ལུགས་ཁྱབ་སྤེལ་ཡོང་རྒྱུར་དམ་བསྒྲགས་

བཀག་སྡོམ་བྱེད་ཀྱི་ཡོད་པ་ལ་བརྟེན་ནས་རྒྱ་ནག་ནང་རྒྱ་མི་རིགས་ཀྱི་རིག་གཞུང་མ་གཏོགས་གྲངས་ཉུང་མི་རིགས་

ཀྱི་ཆོས་དང་རིག་གཞུང་རྩ་མཐོར་འགྲོ་ཉེན་གྱི་གནས་སུ་གྱར་ཡོད་པའི་སྐོར་གསུངས་ཡོད་པ་རེད།

Back

Search site

© 2009 All rights reserved Konchok.webnode.com

Multilanguage free website :: Webnode