གསར་འགྱུར།

དཔལ་འབྱོར་དང་རྒྱ་ནག

2009-06-29 14:30
དཔལ་འབྱོར་ཉམས་རྒུད་དང་རྒྱ་ནག ད་སྐབས་འཛམ་གླིང་ནང་རྒྱ་ནག་ནི་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ནའང་། རྒྱ་ ནག་གི་དཔལ་འབྱོར་དེ་ངལ་རྩོལ་མི་མང་དང་།   ཕྱི་ཚོང་ཁོ་ན་ལ་བརྟེན་ཡོད་སྟབས། འཛམ་གླིང་གི་དཔལ་འབྱོར་ ཉམས་རྒུད་ཀྱིས་རྒྱ་ནག་གི་བཟོ་གྲྭ་སྟོང་ཕྲག་མང་བོ་སྒོ་རྒྱག་དགོས་བྱུང་ཡོད་པ་དང་།  ལས་མི་ས་ཡ་ ༢༠ ཙམ་ལས་ བྱོལ་དུ་ཕྱིན་ཡོད་པས། རྒྱ་ནག་གི་དཔལ་འབྱོར་རང་བཞིན་གྱིས་ཉམས་རྒུད་དུ་འགྲོ་བཞིན་ཡོད་འདུག བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱིས་འདོན་སྤེལ་བྱེད་ཀྱིན་པའི་ཕྱི་ཟླ་དྲུག་པའི་དཔལ་འབྱོར་གསར་འཕྲིན་ནང་ བཀོད་པ་ལྟར་ན། དེང་དུས་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་མཐོན་པོར་སླེབས་ ཡོད་པ་མ་ཟད། འཛམ་གླིང་ནང་འཕེལ་རྒྱས་མྱུར་ཚད་མཐོ་ཤོས་ཀྱི་གྲས་ཀྱང་ཆགས་བཞིན་ཡོད། དེར་བརྟེན། ཕྱིའི་རྒྱལ་ ཁབ་ཁག་གིས་ཨ་སྒོར་ས་ཡ་དུང་ཕྱུར་མང་བོ་རྒྱལ་ཁབ་འདི་གཉིས་ནང་བཏང་སྟེ།  མ་འོངས་པར་ཁྲོམ་རྭ་ཆེན་པོ་དེའི་ཁེ་ ཕན་ལོངས་སུ་སྤྱོད་རྒྱུར་མིགས་ཡོད་ཟེར། ད་སྐབས་རྒྱ་ནག་ནང་དངོས་པོ་རིགས་འདྲ་མིན་བཟོ་སྐྲུན་གྱི་རིན་གོང་ཆུང་བ་ ཡིན་སྟབས།...
>>

རྒྱ་མཚོ་ཚེ་རིང་

2009-06-29 14:21
སྐུ་ངོ་རྒྱ་མཚོ་ཚེ་རིང་། བོད་ཀྱི་དུས་བབ། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་ཟུར་བ་སྐུ་ངོ་རྒྱ་མཚོ་ཚེ་རིང་ལགས་ཕྱི་ཚེས་ ༢༥ ཉིན་ཨ་རི་ནས་དགོངས་པ་ རྫོགས་འདུག ཁོང་དགོང་ལོ་ ༧༣ རེད། སྐུ་ངོ་རྒྱ་མཚོ་ཚེ་རིང་ལགས་ནི་ ༡༩༣༦ ལོར་ཡབ་བླ་མ་བློ་བཟང་དང་ཡུམ་ཉི་མ་སྒྲོལ་མ་གཉིས་ཀྱི་བུ་རུ་འཁྲུངས། འཁྲུངས་ ཡུལ་འབྲས་ལྗོངས་ཡིན། ཁོང་ཉིད་རྒྱ་གར་བྱང་ཤར་གྱི་ཀ་ལི་ཀ་ཏའི་གཙུག་ལག་སློབ་གྲྭ་ནས་སློབ་མཐར་ཕྱིན།  སློབ་མཐར་ ཕྱིན་རྗེས་ཁོང་གིས་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་དང་ནང་སྲིད་ལས་ཁུངས་སུ་ཕྱག་ལས་གནང་། དེས་མི་ཚད་ལྷ་སར་རྒྱ་གར་ གྱི་གཞུང་ཚབ་ཀྱི་ཕྱག་ལས་གནང་ལ། འབྲས་ལྗོངས་གཞུང་དུའང་ཕྱག་ལས་གནང་། ཕྱི་ལོ་ ༡༩༦༣ ལོ་ནས་བཟུང་ཁོང་གིས་བཙན་བྱོལ་བོད་གཞུང་གི་སྡེ་ཚན་ཁག་ཏུ་ཕྱག་ལས་གནང་མགོ་བཙུགས་ཤིང་། ༡༩༩༠ ལོར་རྒན་ཡོལ་མ་ཞུས་བར་དུ་ཕྱག་ལས་གནང་ཡོད། ༡༩༦༥ ལོར་ཁོང་གིས་ཡིག་སྒྱུར་དང་དཔེ་སྐྲུན་སྡེ་ཚན་དུ་ ཕྱག་ལས་གནང་། ༡༩༦༦ ལོར་ཕྱི་དྲིལ་ལས་ཁུངས་སུ་གནས་སྤོ་བྱས། ༡༩༦༧ ལོར་ཆོས་ཤེས་ལྷན་ཁང་དུ་གནས་སྤོ་བྱས། ༧གོང་ས་མཆོག་ཐེངས་དང་པོར་ཉི་ཧོང་དང་ཐའེ་ལན་ཌིར་ཆིབས་བསྒྱུར་གནང་དུས་སྐུ་ངོ་རྒྱ་མཚོ་ཚེ་རིང་ལགས་ཞབས་ གཡོག་གི་གྲས་སུ་ཡོད།...
>>

སྦྱིན་པ་གཏང་འཆར།

2009-06-29 14:16
༸སྐུའི་འཁྲུངས་སྐར་དང་བསྟུན་ནས་སྦྱིན་པ་གཏང་འཆར། ༄༅།      །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་ནས་ཨ་མི་རི་ ཀའི་རྒྱལ་ས་ལྦ་ཤིང་ཀྲོན་གྱི་བོད་པའི་སྤྱི་མཐུན་ཚོགས་པས་ཁུལ་འདིར་ནང་ཁྱིམ་མེད་པའི་ཨ་རིའི་བེུད་དང་ལོ་ཆུང་ བྱིས་པ་རྣམས་ལ་དགོང་དྲོའི་གསོལ་ཚིགས་གནང་འཆར་འདུག  ...
>>

རྒྱ་གཞུང་ལ་ཉེན་བརྡ།

2009-06-29 14:11
ཐེའི་དབན་སྲིད་འཛིན་ཟུར་པས་རྒྱ་གཞུང་ལ་ཉེན་བརྡ། RFA རླུང་འཕྲིན་ཁང་། ༄༅༎ཐེའི་དབན་སྲིད་གཞུང་གིས་རྒྱ་ནག་གཞུང་དང་ཚོང་འབྲེལ་ཡར་རྒྱས་གཏོང་བ་ནི་རྒྱ་ནག་གུང་གྲན་ཏང་གིས་ སྲིད་གཞུང་གིས་ཐེའི་དབན་ལ་བཏང་འཛིན་ཇེ་ཆེར་གཏོང་རྒྱུའི་གོ་སྐབས་སྐྲུན་པ་ཡིན་ལུགས་ཐེའི་དབན་སྲིད་འཛིན་ ཟུར་པ་ལི་ཏང་ཧུའི་ཡིས་གསུངས་གནང་འདུག ཐེའི་དབན་རང་བཙན་ལ་རྒྱབ་སྐྱོར་གནང་མཁན་སྲིད་འཛིན་ཟུར་པ་ ལི་ཏེང་ཧུའི་ཡིས་ཁོང་གི་ཕྱོགས་གཏོགས་པ་ཁག་ཅིག་ལ་གསུང་བཤད་གནང་སྐབས་ད་ཡོད་སྲིད་གཞུང་གིས་རྒྱ་ནག་ ལ་ཚོང་འབྲེལ་གཞི་རྒྱ་ཇེ་ཆེར་གཏོང་བཞིན་པ་དེས་ཐེའི་དབན་རྒྱ་ནག་གི་མངའ་འོག་ཅིག་ཏུ་འགྱུར་ཉེན་ཡོད་པའི་ སྐྱོན་བརྗོད་གནང་འདུག   དེ་ནི་རྒྱ་ནག་སྐམ་ས་ཆེན་མོ་དབུས་གཞུང་དང་ཐེའི་དབན་ས་གནས་སྲིད་གཞུང་ཞིག་ཏུ་ འགྱུར་ཉེན་ཡོད་པ་དང་མཐར་ཐུག་ཐེའི་དབན་རྒྱ་ནག་གཞུང་གིས་བཀའ་བཀོད་འོག་ཚུད་ཉེན་ཡོད་པ་སོགས་ཀྱི་ཉེན་ བརྡར་བཏང་གནང་འདུག   དེང་ཐེའི་དབན་དང་རྒྱ་ནག་གཉིས་དབར་ཚོང་འབྲེལ་ཡར་རྒྱས་གཏོང་རྒྱུའི་གྲོས་མཐུན་ ཡིག་ཆ་གཏན་འབེབས་བྱེད་བཞིན་པ་ཡིན་ཞིང་ཉེ་ལམ་རྒྱ་ནག་གཞུང་གིས་ ཐེའི་དབན་ནས་དངོས་ཟོག་མ་གནས་ཨ་ སྒོར་ཐེར་འབུམ་གཉིས་ཙམ་ནང་འདྲེན་བྱ་རྒྱུའི་མངགས་ཆ་བྱས་ཡོད་པ་རེད། ...
>>

ལས་འགུལ་བ་འཛིན་བཟུང།

2009-06-28 08:57
བོད་མི་ལས་འགུལ་བ་འཛིན་བཟུང། ཟླ་འདིའི་ཚེས་ ༢༦ ཉིན་གློ་བུར་གསང་སྟབས་གྱིས་སྤྱི་སྤྱོད་རླངས་འཁོར་བརྒྱུད་བལ་བོད་ས་མཚམས་སུ་བོད་རང་ དབང་འཐབ་རྩོད་ཆེད་ཞི་བའི་ལས་འགུལ་སྤེལ་བར་བོད་མི་ལས་འགུལ་རུ་ཁག་ཞིག་སོང་ཡོད་པ་དང་།      ལས་ འགུལ་བ་བོད་མི་སྐྱ་སེར་ཕོ་མོ་མི་གྲངས་ ༣༦ ཙམ་ཡོད་པ་རྒྱལ་མཚམས་འགྲམ་ལ་སླེབས་རྒྱུར་སྤྱི་ལེ་ ༢༥ ཙམ་གྱི་ས་ ནས་བལ་ཡུལ་གྱི་ཉེན་རྟོག་དམག་མི་བརྒྱ་ལྷག་གིས་བཀག་འགོག་བྱས་ཀྱང་མུ་མཐུད་རླངས་འཁོར་ནས་བབས་ཏེ་སྤྱི་ ལེ་ཁ་ཤས་ལ་སྐད་འབོད་གོམ་བགྲོད་བྱས་མཐར་ཚང་མ་ཉེན་རྟོག་པས་གཅར་རྡུང་བྱེད་བཞིན་འཛིན་བཟུང་བྱས་ཡོད་ འདུག་ལ། བོད་མི་ཁག་ཅིག་ལ་རྨས་སྐྱོན་ཀྱང་ཕོག་ཡོད་འདུག 
>>

གཞས་པ་འདས་གྲོངས།

2009-06-27 13:55
གཞས་པ་གྲགས་ཅན་མེཀ་ཁལ་རྗེག་སན་འདས་གྲོངས། ཕྱི་ཚེས་༢༥ཉིན་ལོ་སི་ཨན་ཇེལ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ནང་འཛམ་གླིང་གི་གཞས་པ་གྲགས་ཅན་མེཀ་ཁལ་རྗེག་ སན་འདས་གྲོངས་སུ་གྱུར་ཡོད་པ་རེད།  ཁོང་གི་རོལ་དབྱངས་རུ་ཁག་ཚོགས་མི་རཱན་ཌི་རྗེག་སན་གྱིས་བརྗོད་གསལ་ ལྟར་ན། ཉིན་གུང་ཙམ་ལ་ཁོང་སྙིང་གི་ཁྲག་རྩ་འགག་ནས་དྲན་མེད་དུ་བརྒྱལ་བ་དང། སྐབས་དེར་མགྱོགས་མྱུར་སྨན་ ཁང་དུ་བསྐྱལ་ནས་སྐྱོབ་ཐབས་བྱས་པ་རེད་ཅེས་དང། ཁོང་གི་གཅེན་པོ་ཇེར་མཱན་ནེ་ཡིས་བརྗོད་གསལ་ལ། སྨན་པས་ཆུ་ ཚོད་གཅིག་ཙམ་གྱི་རིང་ལ་དྲན་པ་སོས་ཐབས་ཀྱི་འབད་བརྩོན་བྱས་ཀྱང་གསོན་པོར་གནས་ཐུབ་མ་སོང་ཞེས་བརྗོད་ ཡོད་པ་རེད། སྐབས་དེར་གསར་འགོད་པ་འཚང་ཁ་ཆེས་ཆེ་བས། ཇེར་མཱན་ནེས་ཁོང་ཚོར་བརྗོད་དོན། ད་ལྟ་དཀའ་སྡུག་ ཆེ་ཤོས་ཀྱི་དུས་ལ། ཁྱེད་རྣམས་ཀྱིས་ང་ཚོ་སྒེར་གྱི་གནད་དོན་ལ་བརྩི་འཇོག་གནང་རོགས་གནང་ཞེས་འབོད་སྐུལ་ཞུས་ ཡོད་པ་རེད།
>>

མནར་གཅོད་ཉིན་མོ་

2009-06-27 12:42
མནར་གཅོད་ཉིན་མོ་སྲུང་བརྩིའི་ལས་འགུལ། ཟླ་འདིའི་༢༦ ཉིན་ནི་རྒྱལ་སྤྱིའི་མནར་གཅོད་སྡེ་ཚན་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་སྡེ་ཚན་སོགས་ཀྱིས། མནར་གཅོད་བཀག་བསྡོམས་ཀྱི་སྤྱི་ཆིངས་བཞག་ནས་ཕྱི་ཟླ་༦ པའི་ཚེས་༢༦ ཉིན་མནར་གཅོད་བཀག་འགོག་གི་ཉིན་ མོ་ཞེས་ལོ་ལྟར་སྲུང་བརྩི་བྱེད་ཀྱི་ཡོད་པ་ལྟར། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་དགུ་བཅུ་གསུམ་ལས་འགུལ་ཚོགས་ པས་སྣེ་འཁྲིད་དེ་སྔ་དྲོ་ཆུ་ཚོད་༧ པའི་ཐོག་སེར་སྐྱ་མང་པོ་འདུ་འཛོམས་ཀྱིས། དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་ མཆོད་འབུལ་བྱས་པ་དང༌།    དེ་ནས་བོད་གཞུང་ཆོས་རིག་བཀའ་བློན་མཆོག་གིས་བོད་ནང་བཙོན་པ་ཚོས་མནར་ གཅོད་ཇི་ལྟར་མྱོང་བཞིན་པའི་སྐོར་སོགས་ལ་གསུང་བཤད་གནང་སོང༌།     ཕྱི་དྲོ་ཆུ་ཚོད་བདུན་པ་ནས་མི་མང་གིས་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བ་དང། སྐབས་དེར་འཛམ་གླིང་ནང་ མནར་གཅོད་མཚམས་འཇོག་དགོས་ཟེར་བའི་འཕྲེད་འཕྱར་བ་སོགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད། དགུ་བཅུ་གསུམ་ ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱིས་བོད་ནང་དུ་མནར་གཅོད་མྱོང་བཞིན་པའི་བཙོན་པ་ཚོ་གློད་ གྲོལ་ཡོང་ཐབས་སུ་ལས་འགུལ་སྣ་ཚོགས་སྤེལ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།།
>>

ཆོས་སྦྱོང་ཆེད་མ་རེད།

2009-06-26 20:20
སློབ་གྲྭ་ཆོས་སྦྱོང་བའི་ཆེད་བཙུགས་པ་མ་རེད། བོད་ཀྱི་དུས་བབ།  ང་ཚོ་བོད་མིའི་རང་དབང་གི་གནད་དོན་འདི་ལྟ་བུ་ཞིག་ཆགས་དོན། ང་ཚོ་བོད་པའི་མི་རབས་ཁ་ཤས་གོང་ནས་ འཛམ་གླིང་གི་དེང་དུས་ཤེས་ཡོན་ལ་དོ་སྣང་མ་བྱས་པ་དང་། རང་གི་ཆབ་སྲིད་ཚགས་ཚུད་མ་བྱུང་སྟབས་ང་ཚོར་ དཀའ་ངལ་ཞིག་འཕྲད་པ་རེད། ང་ཚོས་རྒྱ་མི་གུང་ཁྲན་གཅིག་པུ་ལབ་རྒྱུ་ཡོད་པ་མ་རེད། སོ་སོའི་ངོས་ནས་ཚགས་ ཚུད་མ་བྱས་པར་བརྟེན་ནས་བྱུང་བ་རེད། ཅེས་༧གོང་ས་མཆོག་གིས་གསུངས་སོང། ངྷ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག ལོ་ལྟར་༧གོང་ས་མཆོག་གིས་སློབ་གྲྭ་ཁག་གི་སློབ་མ་རྣམས་ལ་དམིཌ་ བསལ་གྱིས་ནང་ཆོས་ངོ་སྤྲོད་གནང་བཞིན་པ་ལྟར། སྐབས་གསུམ་པའི་ནང་ཆོས་ངོ་སྤྲོད་དེ་ཕྱི་ཚེས་ ༢༤ དང་ ༢༥ ཉིན་ གཉིས་རིང་ངྷ་སྟེང་བོད་ཁྱིམ་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་ཕྱོགས་ཡོང་གི་སློབ་མ་གཙོས། ངྷ་ས་ས་གནས་ཡུལ་མི་དང་ ཕྱི་གླིང་བ་སོགས་མི་གྲངས་ ༥༠༠༠ ལྷག་ལ་༧རྒྱལ་སྲས་ཐོགས་མེད་ཀྱི་ལག་ལེན་སོ་བདུན་མ་བརྗོད་གཞིར་བཟུང་སྟེ་ནང་ ཆོས་ངོ་སྤྲོད་དང་ལམ་སྟོན་བཀའ་སློབ་གནང་ཡོད།   ...
>>

ཞབས་འདྲེན་མ་ཞུ།

2009-06-26 08:54
བོད་པའི་ཕྲུ་གུས་ ཞབས་འདྲེན་ཞུ་ཡི་འདུག་ཟེར་བ་དེ་འདྲ་མ་བྱེད།   ཟླ་འདིའི་ཕྱི་ཚེས་༢༥ ཉིན་ྋགོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་ཉིན་མཐའ་མའི་ཐོག་མཇུག་སྡོམ་གྱི་ཚུལ་དུ་གསུང་ དོན། དེ་རིང་ནང་ཆོས་ངོ་སྤྲོད་དེ་ནང་ཆོས་ངོ་འཕྲོད་པ་དང་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་གཙོ་འདོན་བྱས་པ་ཡིན། དཔེ་ཆ་དེ་ཁྱེད་རང་ཚོའི་ལག་པར་ཡོད་སྟབས་དུས་རྒྱུན་དུ་ཀློག་ནས།      སོ་སོའི་ཉིན་ཞག་ཕྲུགས་གཅིག་གི་སྤྱོད་ལམ་ གོམས་པའི་སྐབས་ལ་དེ་ནས་བསླབ་བྱ་ལེན་པ་དང།  ལྷག་པར་དུ་རྐྱེན་ངན་ཡོང་བའི་སྐབས་ལ་དཔེ་ཆ་ཀློག་པ་ཡིན་ན། ཏན་ཏན་སེམས་ཞི་དུལ་ཆེ་རུ་འགྲོ་ཡི་རེད། སེམས་ག་ཚོད་ཀྱིས་ལྷོད་ལྷོད་ཆགས་པ་དེའི་ཚོད་ཀྱིས་སློབ་སྦྱོང་ཡག་ཏུ་འགྲོ་ ཡི་རེད། མི་ཚེ་སྐྱིད་པོ་ཡོང་གི་རེད། གྲོགས་པོ་མང་པོ་ཡོང་གི་རེད། སེམས་འཚབ་འཚུབ་དང་རྐྱེན་ཅུང་ཟད་ཙམ་མི་བཟོད་ པ་ཞིག་ཡིན་ན་མི་ཚེ་སྐྱིད་པོ་ཡོང་གི་མ་རེད།  དེ་འདྲ་ཡིན་དུས་ཆོས་ཀྱི་བསླབ་བྱ་དེས་ཚེ་ཕྱི་མ་ཕན་པ་ཙམ་མ་ཟད།  ཚེ་ འདི་ཡིན་ཡང་མི་ཚེ་སྐྱིད་པོ་ཡོང་ཐུབ་པ། མི་སྒེར་སོ་སོ་བཟང་པོ་ཞིག་བྱུང་བ་ཡིན་ན་ཁྱིམ་ཚང་གི་ནང་མི་སྐྱིད་པོ་ཡོང་གི་ རེད་ཅེས་གསུངས་ཡོད་པ་རེད། ྋགོང་ས་མཆོག་གིས་མུ་མཐུད་གསུང་དོན།...
>>

བོད་མི་སོད་ཞོག

2009-06-25 17:05
བོད་མི་སོད་ཞོག རིན་པ་ངས་སྤྲད་ཆོག ཉེ་ལམ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྒྱ་མའི་ཁུལ་དུ་རྒྱ་མིའི་གཏེར་ཁ་སྔོག་མཁན་དང་། ས་གནས་ཡུལ་མིའི་ བར་རྩོད་རྙོག་བྱུང་ཡོད་པ་མ་ཟད། གཏེར་ཁ་སྔོག་མཁན་གྱི་རྒྱ་མིའི་མགོ་ཁྲིད་དེས་བོད་མི་ཁ་ཤས་སོད་ཞོག  དེའི་ རིན་པ་ངས་སྤྲད་ཆོག  གོང་ཆེན་པོ་མ་རེད་ཅེས་བརྗོད་ཡོད་པར་བརྟེན།    རྒྱ་མི་གཏེར་ཁ་སྔོག་འདོན་རྣམས་ཀྱིས་ བོད་མིའི་ཐོག་ཉེས་རྡུང་ཚད་མེད་བཏང་ཡོད་འདུག དགུ་བཅུ་གསུམ་ལས་འགུལ་ཚོགས་པས་འདིར་གནས་ཚུལ་སྤྲོད་བྱས་པ་ལྟར་ན། ༢༠༠༩ ལོའི་ཟླ་བ  ༦  ཚེས ༢༠ ཉིན་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྒྱ་མའི་ཁུལ་དུ་རྒྱ་མིའི་གཏེར་ཁ་སྔོག་འདོན་མཁན་དང་། ས་གནས་ཡུལ་ མིའི་བར་རྩོད་རྙོག་བྱུང་སྟེ། ཡུལ་མི་གསུམ་ལ་རྨས་སྐྱོན་ཚབས་ཆེན་ཤོར་ནས་དེའི་ཁུལ་གྱི་སྨན་ཁང་དུ་བསྐྱལ་ཡང་ སྨན་པས་ཁས་ལེན་མ་བྱས་པར་བརྟེན། ཛ་དྲག་ཐོག་ལྷ་ས་གྲོང་ཁྱེར་དུ་སྐྱེལ་དགོས་བྱུང་འདུག    དེའི་ཁྲོད་ཀྱི་མི་ གཅིག་ལ་སྲོག་གི་ཉེན་ཁ་འཕྲད་ཡོད་པ་དང་།  རྨས་སྐྱོན་ཕོག་པའི་མི་གཅིག་ནི་རུ་ཁག་གི་མགོ་ཁྲིད་ཡིན་འདུག དེ་མིན་གཞན་དེ་གཉིས་སློབ་ཕྲུག་རེད་འདུག...
>>

ང་ཆོས་ངོ་སྤྲོད།

2009-06-25 11:53
༸གོང་ས་མཆོག་ནས་བོད་མི་གཞོན་སྐྱེས་ལ་ནང་ཆོས་ངོ་སྤྲོད། ༄༅།      །བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ཉི་ཤུ་བཞི་ནས་ཉི་ཤུ་ལྔ་ཉིན་ གྲངས་གཉིས་རིང་བོད་མི་གཞོན་སྐྱེས་ཆོར་ནང་ཆོས་ངོ་སྤྲོད་གནང་རྒྱུའི་མཛད་འཆར་དབུ་འཛུགས་གནང་ཡོད་པའི་ སྐོར་བཙན་བྱོལ་བོད་གཞུང་གི་འཕྲིན་གཏོང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བཞག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོའི་ཕྱག་ཚེས་བརྒྱད་དང་ཕྱེད་ཀའི་ཐོག་རྡ་ས་བོད་ཕྲུག་ ཁྱིམ་སྡེར་བོད་རིགས་ན་གཞོན་ཚོར་ནང་ཆོས་ངོ་སྤྲོད་དབུ་འཛུགས་གནང་སྟེ་ནང་ཆོས་ངོ་སྤྲོད་ཀྱི་མཛད་རིམ་དེ་རྣམས་ ཐད་ཀར་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་བརྙན་འཕྲིན་ཐོག་གཟིགས་ཐུབ་རྒྱུ་ཡིན་ཞིང་༸གོང་ས་༸སྐྱབས་མགོན་ཆེན་ པོ་མཆོག་གིས་བོད་རིགས་ན་གཞོན་ཚོར་ནང་ཆོས་ངོ་སྤྲོད་གནང་བའི་མཛད་རིམ་དེ་ནི་ཐོག་མར་ཕྱི་ལོ་ཉིས་སྟོང་བདུན་ ལོར་དབུ་བཙུགས་གནང་སྟེ་འདི་ལོ་ཐེངས་གསུམ་པ་དེ་ཡིན་པ་རེད། ...
>>

བལ་པོའི་འཐུས་མི་

2009-06-24 20:27
བལ་པོའི་འཐུས་མི་དྷ་ས་རུ་ཕེབས་པ། བལ་ཡུལ་གྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་རྣམས་དྷ་སར་ཕེབས་པ་དང། ཁོང་ཚོས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་ གནང་རྒྱུ་དང། ད་ལྟ་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་ཚོའི་དཀའ་ངལ་སེལ་ཆེད་སོ་སོའི་ཆབ་སྲིད་ཚོགས་པའི་ འགོ་ཁྲིད་རྣམ་པ་དང། དབུས་གཞུང་གི་འགོ་ཁྲིད་ཚོར་ཞུས་ཏེ། བོད་མིའི་དཀའ་ངལ་སེལ་ཐབས་ལ་འབད་བརྩོན་བྱེད་ རྒྱུ་ཡིན་ཅེས་ཟླ་འདིའི་ཚེས་༢༤ ཉིན་གསར་འགོད་གསལ་བསྒྲགས་ཐོག་ཏུ་གསུངས་ཡོད་པ་རེད། བལ་ཡུལ་ལིམ་བྷི་ནི་ཐེབས་རྩའི་གོ་སྒྲིག་འོག་བལ་ཡུལ་གྲོས་ཚོགས་ཀྱི་འཐུས་མི་དྲུག་དང༌། ལིམ་བྷི་ནི་ཐེབས་རྩའི་ཚོགས་ གཙོ་བཅས་མི་བདུན་དང༌།  ལིམ་བྷི་ནི་ཐེབས་རྩའི་དྲུང་ཆེ་བོད་མི་མང་སྤྱི་འཐུས་ཚེ་བརྟན་ནོར་བུ་ལགས་ཀྱིས་སྣེ་ཁྲིད་ འོག་ཟླ་འདིའི་ཚེས་༢༢ ཉིན་བཞུགས་སྒར་དྷ་ས་སུ་ཕེབས་ནས་ཕྱི་ཚེས་༢༣ ཉིན་ྋགོང་ས་མཆོག་ལ་མཇལ་བཅར་ཞུས་ ཡོད་པ་རེད།     ཉིན་དེའི་ཕྱི་དྲོ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་ནས་ཚོགས་གཙོ་བགྲེས་གཞོན་དང་སྤྱི་འཐུས་རྒྱུན་ལས་རྣམས་ དང་མཇལ་འཕྲད་གནང་ཡོད་ཅིང༌། དགོང་མོ་བོད་གཞུང་གངས་སྐྱིད་གསོལ་ཐབ་ཡང་སྟེང་དུ་བལ་ཡུལ་གྱི་གྲོས་ཚོགས་ འཐུས་མི་རྣམ་པ་དང༌།     ...
>>

མཚམས་འཇོག་དགོས།

2009-06-24 20:21
གཏེར་ཁ་སྔོག་འདོན་མཚམས་འཇོག་དགོས། རྒྱ་ནག་གིས་བོད་ནང་དུ་གཏེར་ཁ་སྔོག་འདོན་ཤུགས་ཆེན་བྱས་ཏེ། བོད་ནང་གི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ འགྲོ་བཞིན་ཡོད་ནའང་མུ་མཐུད་བོད་ཀྱི་ས་གནས་གང་སར་གཏེར་ཁ་སྔོག་འདོན་གྱི་ལས་གཞི་སྒྲིག་བཞིན་ཡོད་པ་ རེད།        ད་ལྟ་རྒྱ་ནག་ལ་ཁ་ན་ཌའི་བཟོ་གྲྭ་ཞིག་གིས་རོགས་སྐྱོར་འོག་ལྷ་སའི་ཉེ་འགྲམ་ཏུ་རྒྱ་མ་གྲོང་དུ་གཏེར་ཁ་ སྔོག་འདོན་གྱི་ལས་གཞི་རྒྱ་ཆེན་པོ་སྒྲིག་བཞིན་ཡོད་པ་དེར། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ས་གནས་ གང་སར་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་བཞིན་ཡོད་པ་དང། ཟླ་འདིའི་ཚེས་༢༣ ཉིན་དྷ་ས་རྟེན་གཞི་བྱས་པའི་ བོད་རང་དབང་སློབ་ཕྲུག་ཚོགས་པའི་ངོས་ནས་མི་མང་བསྡུ་བསྐོང་གིས་བོད་ནང་གི་གཏེར་ཁ་སྔོག་འདོན་མཚམས་ འཇོག་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད། བོད་ནང་ནས་ས་གནས་མི་མང་གིས་གཏེར་ཁ་སྔོག་འདོན་ བཀག་འགོག་བྱས་པར་བརྟེན། རྒྱ་ནག་གི་ལས་བཟོ་བ་དང་མི་མང་བར་འཁྲུག་རྩོད་ཤོར་ཏེ། མི་མང་ལ་རྨས་སྐྱོན་བྱུང་ བ་དང། རྒྱ་ནག་གཞུང་གིས་མི་མང་ལ་ངོ་རྒོལ་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་ཡོད་པ་རེད།།
>>

ལྷོ་ཕྱོགས་སུ་ཟབ་སྦྱོང་།

2009-06-24 12:52
                           ལྷོ་ཕྱོགས་སུ་ཟབ་སྦྱོང་། བོད་ཀྱི་དུས་བབ། སྦེལ་ཀོབ་གཞིས་ཆགས་སུ་ལྷོ་ཕྱོགས་གཞིས་ཆགས་ཁག་གི་ཚོགས་པ་ཁག་གི་གནད་ཡོད་མི་སྣ་ཁག་ལ་ཉིན་བཞིའི་ རིང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ཟབ་སྦྱོང་སྤྲོད་བཞིན་ཡོད་འདུག ཕྱི་ཚེས་ ༢༣ཉིན་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་མི་མང་ཚོགས་ཁང་ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གོ་སྒྲིག་འོག་སྦེལ་ཀོབ་ལུགས་བདེ་གཉིས་དང་མོན་གྷོ་འདོད་རྒུ་གླིང་། ཧོང་སུར་རབ་རྒྱས་གླིང་།   ཀོ་ལི་གྷལ་དོན་ལྡན་གླིང་སོགས་ཀྱི་ས་གནས་གྲོས་ཚོགས་དང་གཞོན་ནུ།  བུད་མེད། རང་ བདེན་ཚོགས་མི། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་བཅས་ཀྱི་གནད་ཡོད་མི་སྣ་ཁག་དང་། སྦེལ་ཀོབ་ ལུགས་བདེ་གཉིས་ཀྱི་སྤྱི་མི་དང་ཉེ་འཁོར་གྱི་དགོན་སྡེ་ཁག་གི་གནད་ཡོད་མི་སྣ་སོགས་ལ་མང་གཙོ་དང་འགྲོ་བ་ མིའི་ཐོབ་ཐང་སྐོར་གྱི་ཟབ་སྦྱོང་ཞིག་སྤྲོད་མགོ་བཙུགས་ཡོད་ལ། ཟབ་སྦྱོང་འདི་ཉིན་བཞིའི་རིང་སྤྲོད་རྒྱུ་ཡིན་འདུག...
>>

ཏཱ་ལའི་བླ་མའི་ཚབ་

2009-06-24 12:46
མི་གཉིས་ཀྱིས་ཏཱ་ལའི་བླ་མའི་ཚབ་གནང་དགོས། བོད་ཀྱི་དུས་བབ། ཉེ་ལམ་༧གོང་ས་མཆོག་གིས་གསུང་བཤད་ཅིག་གི་སྐབས་མི་གཉིས་ཀྱིས་ཁོང་གི་རྗེས་འཛིན་གནང་དགོས་པ་དང་། གཅིག་ནི་ཆོས་ཀྱི་དབུ་ཁྲིད་ཅིག་དང་། གཞན་དེ་ནི་དམངས་གཙོའི་ལམ་ནས་བདམས་པའི་སྲིད་ཀྱི་དབུ་ཁྲིད་ཅིག་ ཡིན་དགོས་ཞེས་གསུངས་ཡོད་འདུག མེ་ཡ་མི་ཆོས་ལུགས་ནང་ཁུལ་གྱི་བསམ་བློའི་བརྗེ་རེས་རྟོག་ཞིབ་ཚན་ཁག་གི་ཌོག་ཊར་ ཌེབ་བྷུ་རོན་གྱིས་གནས་ཚུལ་ སྤེལ་དོན། ༧གོང་ས་མཆོག་གིས་ཉེ་ལན་གསུང་བཤད་ཅིག་གི་སྐབས་སུ་དགོངས་ཚུལ་བཏོན་དོན། ཁོང་གི་རྗེས་འཇུག་ པ་དེ་མི་གཅིག་མིན་པར་མི་གཉིས་ལས་གྲུབ་དགོས་ཤིང་། གཅིག་ནི་ཆོས་བྱེད་སྐྱེས་བུ་ཞིག་དང་གཞན་དེ་ནི་དམངས་ གཙོའི་རང་དབང་གི་འོས་འདེམས་བརྒྱུད་ནས་སླེབ་པའི་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་ཡིན་དགོས་ཀྱི་འདུག ཏཱ་ལའི་བླ་ མའི་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་ཁུར་ནས་མི་ལོ་ ༤༠༠ ནས་ ༥༠༠ བར་ཕྱིན་པ་རེད། ལམ་ ལུགས་དེ་ནི་ཕན་ཐོགས་ཅུང་ཙམ་བྱུང་ཡོད་པ་འདྲ། ཡིན་ཡང་དུས་སྐབས་དེ་རྫོགས་ཚར་བ་རེད།...
>>

གཏེར་ཁ་བསྔོགས་འདོན་

2009-06-24 12:41
བོད་དུ་གཏེར་ཁ་བསྔོགས་འདོན་ལ་ངོ་རྒོལ། RFA རླུང་འཕྲིན་ཁང་། ལྷ་ས་གྲོང་ཁྱེར་ཁོངས་ཀྱི་མལ་འགྲོ་གོང་དཀར་རྫོང་རྒྱ་མ་ཤང་དུ་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་བྱེད་པར་ ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ། ༄༅༎རེས་གཟའ་ཟླ་བའི་ཉིན་བཙན་བྱོལ་བོད་གཞུང་གི་འཕྲིན་གཏོང་དྲ་རྒྱའི་ཐོག་ལ་བོད་ཀྱི་ལྷ་ས་གྲོང་ཁྱེར་ཁོངས་ ཀྱི་མལ་འགྲོ་གོང་དཀར་རྫོང་རྒྱ་མ་ཤང་དུ་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་བྱེད་པར་ངོ་རྒོལ་གྱི་ལས་འགུལ་ སྤེལ་ཡོད་པའི་གནས་ཚུལ་སྤེལ་བཞག      ...
>>

ཁྲིམས་རྩོད་པ་ཞིག་ལ་ཉེས་རྡུང

2009-06-24 12:38
རྒྱ་ནག་ཏུ་ཁྲིམས་རྩོད་པ་ཞིག་ལ་ཉེས་རྡུང་བཏང་བར་སྐྱོན་བརྗོད། RFA རླུང་འཕྲིན་ཁང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་གྱི་ཁྲིམས་རྩོད་པ་ཞིག་ཚོུད་དགུའི་རིང་དོ་དམ་བཀག་ཉར་ བྱས་པའི་རིང་ཉེས་རྡུང་བཏང་བ། ༄༅༎རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧད་ནང་གནས་སྡོད་པ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་གྱི་ ཁྲིམས་རྩོད་པ་གཟའ་འཁོར་སྔོན་མ་རྒྱ་ནག་གཞུང་གིས་དུས་ཡུན་ཚོུད་དགུའི་རིང་དོ་དམ་བཀག་ཉར་བྱས་པའི་རིང་ ཉེས་རྡུང་བཏང་བ་སོགས་ཀྱི་བྱ་སྤྱོད་ལ་དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་སྐྱོན་བརྗོད་བྱས་ ཡོད་པ་རེད།       ...
>>
<< < 1 | 2 | 3 | 4 | 5 > >>

 

Search site

© 2009 All rights reserved Konchok.webnode.com

How to make a free website :: Webnode