གསུང་འཕྲིན།

གྲོས་ཚོགས་གསུང་འཕྲིན།

2009-06-08 19:14
ྋགོང་ས་མཆོག་གིས་གྲོས་ཚོགས་ཚོགས་དུས་བདུན་པར་བསྩལ་བའི་གསུང་འཕྲིན།   ཟླ་འདིའི་ཚེས་ ༡༨ ཉིན་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་པའི་ ཐོག་ྋགོང་ས་མཆོག་གིས་བསྩལ་བའི་གསུང་འཕྲིན། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བདུན་པའི་ཐོག་ངོ་འབྱོར་གྱི་སྤྱི་འཐུས་ རྣམས་དང༌། རེས་མོས་ཚོགས་གཙོ་གསར་པ་བཅས་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་བརྗོད་རྒྱུ་ཡིན།    དེང་སྐབས་བོད་ནང་གི་གནས་སྟངས་དང་ང་ཚོའི་ལངས་ཕྱོགས་བཅས་ཐེངས་མང་བརྗོད་ཟིན་ཁར། ཉེ་ཆར་ གསུམ་དུས་ཀྱི་ཡོངས་ཁྱབ་གསུང་འཕྲིན་དུའང་ཞིབ་འཁོད་ཡོད་པ་ཀུན་གྱི་བློ་ངེས་ཡོད་ཤག་ལ་བསྐྱར་ཟློས་མ་ དགོས།   ཉེ་བའི་བདུན་ཕྲག་ཁ་ཤས་ནང་ད་ལྟའི་བོད་ཀྱི་ཛ་དྲག་གི་གནས་བབ་དང༌། བོད་མིའི་ཞི་བའི་གྱེན་ལངས་དང་ བོད་གཞུང་མང་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་ཚིགས་བཅས་དང་བསྟུན་ཡོ་རོབ་དང་ ཨ་རིའི་གྲོས་ཚོགས་ཀྱིས་མཚོན་རྒྱལ་ཁབ་མང་པོའི་གྲོས་ཚོགས་ཁག་གི་ཐུགས་སྣང་ཆེན་པོས་དོན་སྙིང་ལྡན་པའི་ གྲོས་ཆོད་བཞག་པ་དང༌། གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་གསལ་སྟོན་བྱས་པ་དེ་དག་གཞིས་བྱེས་བོད་མི་ ཡོངས་ཀྱི་སྙིང་སྟོབས་སྤེལ་བའི་ཆ་རྐྱེན་དང༌།...
>>

བོད་ལོ་གསར་འཚམས་འདྲི།

2009-06-08 19:09
༧གོང་ས་མཆོག་གིས་ལོ་གསར་ལ་འཚམས་འདྲི་གནང་བ། རབ་རྒྱལ་ས་གླང་ལོའི་གནམ་ལོ་གསར་ཚེས་ལ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཞིས་བྱེས་ བོད་རིགས་ཡོངས་ལ་བསྩལ་བའི་གསུང་འཕྲིན། ༄༅།    །བོད་རྒྱལ་ལོ་ ༢༡༣༦ རབ་བྱུང་བཅུ་བདུན་པའི་ས་གླང་གནམ་ལོ་གསར་ཚེས་ཀྱི་དུས་ཚིགས་འདིར་ངོས་ ནས་བོད་ཕྱི་ནང་དུ་འཁོད་པའི་བོད་རིགས་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་དང་། ལོ་འདི་ཆོས་ འབྱོར་བདེ་སྐྱིད་ཀྱིས་འཚོ་ཞིང་བདེན་མཐའ་རིམ་པས་གསལ་བའི་མཆོག་གསུམ་ལ་སྨོན་ལམ་བྱེད་ཀྱི་ཡོད། ས་ཡི་གོ་ལ་འདིར་ཉི་ཟླ་གཟའ་སྐར་གྱི་འགྲོས་དང་བསྟུན་ཏེ། ཉིན་ཞག་ལོ་ཟླའི་འཁོར་ལོ་རྒྱུན་མར་འཁོར་བའི་ འཁྱུན་ཐག་ལ་གསར་རྙིང་གི་རྣམ་དབྱེ་མེད་ཀྱང་། འཛམ་གླིང་གི་ཡུལ་གྲུ་ཡོངས་སུ་ལོ་འཁོར་སོ་སོར་གནམ་ལོ་ གསར་ཚེས་ཀྱི་དུས་སྟོན་བྱེད་སྲོལ་རྒྱ་ཁྱབ་ཏུ་ཡོད་པ་བཞིན། གངས་ལྗོངས་བོད་ཀྱི་ཡུལ་དུའང་ཧོར་ཟླ་དང་པོར་ གནམ་ལོ་གསར་ཚེས་ཀྱི་དུས་སྟོན་ལ་ལུགས་གཉིས་ཀྱི་དགའ་སྟོན་རྒྱ་ཆེ་བྱེད་སྲོལ་ཡུལ་གོམས་གཤིས་ལུགས་ཡོད།...
>>

རྒྱ་ལོརགསར་འཚམས་འདྲི།

2009-06-08 11:07
༧གོང་ས་མཆོག་གིས་རྒྱ་རིཌ་མི་མང་ལ་ལོ་གསར་འཚམས་འདྲི། རྒྱ་ནག་སོ་ནམ་པའི་ལུགས་ཀྱི་དཔྱིད་གསར་དུས་སྟོན་ནམ། གནམ་ལོ་གསར་བ་ཤར་བའི་སྐབས་འདིར།་ ངོས་ནས་ རྒྱ་ནག་སྐམ་ས་ཆེན་པོས་གཙོས་འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་རྒྱ་རིགས་སྤུན་ཟླ་ཡོངས་ལ་གནམ་ལོ་གསར་ ཚེས་ཀྱི་དུས་སྟོན་ལ་མཛའ་བརྩེའི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་བརྗོད་ཀྱིན་ཡོད། ཅེས་༧གོང་ས་མཆོག་ གིས་རྒྱ་རིགས་མི་དམངས་ལ་གསུང་འཕྲིན་བསྩལ་ཡོད། འདས་པའི་ས་བྱི་ལོའི་ནང་འཛམ་གླིང་སྤྱི་དང༌། ཁྱད་པར་རྒྱ་ནག་ནང་འབྱུང་བའི་འཇིགས་པ་སོགས་དཀའ་རྙོག་ དང༌། ཨོ་ལམ་པིག་རྩེད་འགྲན་ལྟ་བུ་དགའ་སྤོབས་བྱ་འོས་པའི་གནས་ཚུལ་དུ་མ་ཞིག་བྱུང་སྟེ། སྐབས་རེ་བློ་འཚབ་ དང༌། སྐབས་རེ་དགའ་སྤྲོའི་སྣང་བ་སོགས་སྣ་ཚོགས་ཤིག་བྱུང་སྟེ།་ འགྱུར་རླབས་ཆེ་བའི་ལོ་འཁོར་ཞིག་གི་ངོ་བོར་ འདས་པ་དང༌། དེང་སྐབས་འཇིག་རྟེན་ཁྱོན་ཡོངས་སུ་འཕྲད་བཞིན་པའི་ཁྲོམ་རའི་དཔལ་འབྱོར་གྱི་ཉམས་རྒུད་ལ་ བརྟེན་ནས་འཛམ་གླིང་སྤྱི་དང༌།       ཁྱད་པར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་མང་ཚོགས་རྣམས་བློ་ འཚབ་དང་དཀའ་ངལ་གྱི་གནས་སུ་གྱར་བའི་སྐབས་འདིར། རྟེན་འབྱུང་རྒྱུ་འབྲས་སླུ་བ་མེད་པའི་མཐུ་ལས་སྙིགས་ ལྔའི་རྒུད་ཚོགས་ཞི་སྟེ།...
>>

་ཨོ་བྷ་མ་ལ་འཚམས་འདྲི།

2009-06-08 11:04
༧གོང་ས་མཆོག་གི་འཚམས་འདྲི། ཕྱི་ཚེས་ ༢༠ ཉིན་༧གོང་ས་མཆོག་གིས་གསར་འགོད་པ་རྣམས་ལ། ངོས་ནས་སྲིད་འཛིན་ཨོ་བྷ་མ་ལགས་ལ་སེམས་ ཀྱི་གཏིང་ནས་འཚམས་འདྲི་ཞུ་རྒྱུ་དང་ཁོང་གི་ཕྱག་ལས་ལམ་འགྲོ་ཡོང་བར་སྨོན་ལམ་རྒྱག་གི་ཡོད། ཅེས་གསུངས་ཡོད་པ་རེད། སྔར་ལོའི་ཕྱི་ཟླ་ ༡༡ པའི་ནང་ཨོ་བྷ་མ་མཆོག་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་སྐབས་༧གོང་ས་མཆོག་གིས་ཁོང་ལ་ཕྱག་ འཕྲིན་ཞིག་ཕུལ་བའི་ནང་གསུངས་དོན། ༼ཨ་རིའི་སྲིད་འཛིན་ཡིན་པའི་ཆ་ནས།    སྐུ་ཉིད་ཀྱི་མདུན་དུ་རླབས་ཆེ་ཞིང་ དཀའ་ཁག་ཀྱང་ཆེ་བའི་ལས་དོན་ཡོད་པ་ནི་གོར་མ་ཆག   དེ་བཞིན་དུ་འགྲོ་བ་མིའི་གཞི་རྩའི་དགོས་མཁོའི་ཆེད་དུ་ མུ་མཐུད་ནས་འཐབ་རྩོད་བྱེད་མི་གྲངས་ས་ཡ་མང་པོའི་མི་ཚེ་ལ་འགྱུར་བ་སྐྲུན་པའི་གོ་སྐབས་ཀྱང་མང་པོ་ཞིག་ཡོད་ པ་རེད། མི་འདི་དག་གང་དུ་ཡོད་པར་མ་ལྟོས་པར། སྐུ་ཉིད་ནས་འདི་དག་གི་དོན་དུའང་ཕྱག་ལས་གནང་དགོས་པ་ ཐུགས་ལ་མང་རོགས།༽       ཞེས་འཚམས་འདྲི་སྔོན་དུ་བཏང་སྟེ་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་དགོས་མཁོའི་ཐད་ ཐུགས་འགན་བཞེས་དགོས་པའི་ཞུ་སྐུལ་ཡང་ཞུས་ཡོད་པ་རེད།  
>>

གོང་ས་མཆོག་གི་ཕྱག་འཕྲིན

2009-06-08 11:01
༧གོང་ས་མཆོག་གི་ཕྱག་འཕྲིན། རྒྱ་གར་གཞུང་དང་མི་དམངས། དམིགས་བསལ་གྱིས་རྐྱེན་འདས་སུ་སོང་བའི་ཡུལ་མི་ཚོ་ལ་ངེད་ཀྱིས་གདུང་སེམས་ མཉམ་སྐྱེད་ཡོད་ལ། ཛ་དྲག་ཆེ་བའི་གནས་ཚུལ་འདི་གོ་རྗེས་ངེད་བློ་འཚབ་ཆེན་པོ་བྱུང་ཞེས་༧གོང་ས་མཆོག་གིས་ གསུང་འཕྲིན་བསྩལ་ཡོད་པ་དང་།   བཙན་བྱོལ་བོད་གཞུང་གིས་ཉིན་ཕྱེད་རིང་ལས་ཁུངས་ཁག་སྒོ་བརྒྱབས་ཏེ་རྒྱ་ གར་གཞུང་དམངས་གཉིས་ལ་སྨོན་ལམ་བཏབས་ཡོད་པ་རེད། རྒྱ་གར་སྲིད་བློན་  Manmohan Sing ཡིས་གསར་ལམ་ཁག་ལ་འཇིགས་སྐུལ་དྲག་སྤྱོད་པ་ཚོའི་འཆར་གཞི་ལྡན་ པའི་གྲ་སྒྲིག་དང༌། ཚད་མཐོ་བའི་ལས་འགུལ་སོགས་ལ་བལྟས་ན་ཕྱིའི་རྒྱབ་སྐྱོར་དང་མཉམ་དུ་རྒྱ་གར་ལ་གནོད་འཚེ་ བཟོས་པ་ཡིན་པ་བརྗོད་ཡོད་པ་རེད། ཚེས་ ༢༧ ཉིན་༧གོང་ས་མཆོག་གིས་རྒྱ་གར་སྲིད་བློན་སྐུ་ཞབས་  Manmohan Sing མཆོག་ལ་ཕྱག་འཕྲིན་ཞིག་ བསྩལ་ཏེ། རྒྱ་གར་གཞུང་དང་མི་དམངས། དམིགས་བསལ་གྱིས་རྐྱེན་འདས་སུ་སོང་བའི་ཡུལ་མི་ཚོ་ལ་ངེད་ཀྱིས་ གདུང་སེམས་མཉམ་སྐྱེད་ཡོད་ལ། ཛ་དྲག་ཆེ་བའི་གནས་ཚུལ་འདི་གོ་རྗེས་ངེད་བློ་འཚབ་ཆེན་པོ་བྱུང་སོང་ཞེས་ གསུང་འཕྲིན་དུ་བསྩལ་ཡོད་འདུག ཚེས་ ༢༦ ཉིན་ནས་མུམ་བྷེ་རུ་བྱུང་བའི་འཇིགས་སྐུལ་དྲག་སྤྱོད་དེ་ད་དུང་ཡང་མཚམས་བཞག་མེད་ལ།...
>>

Search site

© 2009 All rights reserved Konchok.webnode.com

Create a free webpage :: Webnode